Poetry Comp_Banner_Update_Yeshe

རྒྱལ་སྤྱིའི་རིག་རྩལ་འགྲན་བསྡུར་ཐེངས་གསུམ་པ།

དབྱིན་ཡུལ་ཞང་ཞུང་ལྷན་ཁང་ནས་རྒྱལ་སྤྱི་རིག་རྩལ་འགྲན་བསྡུར་ཐེངས་གསུམ་པར་སྙན་རྩོམ་དྲ་ཐོག་ནས་ཕུལ་ཆོག་པའི་གསལ་བརྡ།

Writing2

སྙན་རྩོམ་གཏོང་ཚུལ།

 

༡) སྙན་རྩོམ་གཅིག་ལས་ལྷག་གཏོང་མི་ཆོག།།

༢) སྙན་རྩོམ་དབྱིན་སྐད་དང་བོད་སྐད་གང་རུང་ཐོག་ཡིན་དགོས།

༣) སྙན་རྩོམ་གྱི་བརྗོད་བྱ་ནི་གནམ་ལོ་ཤིང་འབྲུག་ལོའི་སྐོར་ལ་ཡིན་དགོས་པ་དང་།

༤) སྙན་རྩོམ་གློག་འཕྲིན་དུ་གཏོང་ཚེ་གློག་ཕྲིན་གྱི་རྣམ་པ་མ་གཏོགས། (attachment)ཟུར་དུ་གཏོང་མི་ཆོག།།

༥) སྙན་རྩོམ་མང་མཐའ་ཡིག་འབྲུ་ཉི་བརྒྱ་ཡོད་དགོས་པ་དང་།

༦) སྙན་རྩོམ་འབྲི་གཏང་ནི་ཤོ་ལོ་ཀ་དང་སྙན་རྩོམ་རིང་ཐུང་གང་རུང་ཐོག་ནས་འབྲི་ཆོག་པ་བཅས།

 

རྩོམ་པ་པོའི་སྐོར།

 

༡) སྙན་རྩོམ་ཐོག་རྩོམ་པ་པོའི་མིང་། ཕ་ཡུལ་དང་ཁ་བྱང་སོགས་བཀོད་གནང་དགོས།

༢) སྙན་རྩོམ་གྱི་བརྗོད་བྱ་དང་ཚེས་གྲངས་ཡང་བཀོད་དགོས།

༣) རང་རང་སོ་སོའི་ངོ་དེབ་ཀྱི་མིང་དང་གཞན་ཡང་དྲ་ཐོག་གྱི་ཁ་བྱང་སོགས་ཡོད་ན་བཀོད་གནང་དགོས།

༣) སྙན་རྩོམ་གཏོང་ས་དྲ་ཐོག་ཁ་བྱང་ནི།

submissions@shangshunguk.org

 

ཆ་རྐྱེན་གཞན་ཡང་།

 

༡) ཞང་ཞུང་ལྷན་ཁང་གྱི་ངོ་དེབ་ Youtube, Instagram དང་གཞན་དྲ་ཐོག་སོགས་ལ་ཚོགས་ཞུགས་བྱེད་དགོས་པ་དང་།

༢) སྙན་རྩོམ་ནི་སྤྱི་ལོ་ ༢༠༢༤ སྤྱི་ཟླ་ ༡ ཚེས་ ༡༧ ལས་མི་འགྱང་པར་ཕུལ་ཟིན་པ་གནང་དགོས།

༣) སྙན་རྩོམ་སོགས་དྲ་ཐོག་ནས་དཔེ་ཤུས་བྱེད་པའམ་བཟོ་བསྐྲུན་བྱས་པ་སོགས་གཏང་མི་ཆོག་པ་དང་།

༤) གང་ཟག་རེ་ནས་སྙན་རྩོམ་རེ་མ་གཏོགས་གཏོང་མི་ཆོག་པ་དང་།

༥) རང་གི་རྩོམ་པའི་སྙན་རྩོམ་ལས་གཞན་གྱི་རྩོམ་པའི་སྙན་ངག་སོགས་གཏོང་མི་ཆོག་པ་དང་།

༦) སྙན་རྩོམ་བཏང་ཚར་རྗེས་ཞང་ཞུང་ལྷན་ཁང་གྱི་དྲ་ཐོག་ཏུ་འགྲེམས་སྤེལ་བྱེད་ཆོག་པའི་མོས་མཐུན་ཡོད་དགོས་པ་བཅས།

བྱ་དགའ།

ཨང་དང་པོ། ཨ་སྒོར་ ༢༥༠ ཐམ་པ།

ཨང་གཉིས་པ། ཨ་སྒོར་ ༥༠ ཐམ་པ།

ཨང་གསུམ་པ། ཨ་སྒོར་ ༢༥ བཅས།

རྒྱལ་ཁ་ལོན་པའི་མིང་དང་སྙན་རྩོམ་ཁག་ཡེ་ཤེས་དུས་དེབ་ནང་གསལ་བསྒྲགས་བྱེད་རྒྱུ་ཡིན།

 

logo

སྙན་རྩོམ་ནི་སྤྱི་ལོ་ ༢༠༢༤ སྤྱི་ཟླ་ ༡ ཚེས་ ༡༧ ལས་མི་འགྱང་པར་ཕུལ་ཟིན་པ་གནང་དགོས་པ་དང་།

རྒྱལ་ཁ་ལོན་མཁན་གྱི་མཚན་ནི་སྤྱི་ལོ་ ༢༠༢༤ སྤྱི་ཟླ་ ༢ པའི་ཚེས་ ༡༧ བོད་གནམ་ལོ་གསར་པའི་སྐབས་གསལ་བསྒྲགས་ཞུ་རྒྱུ་ཡིན།

གདམ་ག་བྱེད་པའི་སྙན་རྩོམ་སོགས་འགྲན་བསྡུར་གྱི་དུས་ཡུན་རིང་ཞང་ཞུང་ལྷན་ཁང་གི་དྲ་ཐོག་ཏུ་འགྲིམ་སྤེལ་བྱེད་རྒྱུ་ཡིན་པས་ཐུགས་འཇགས་ཞུ།

སྙན་རྩོམ་ཞིབ་དཔྱོད་པ།

ད་ལན་ཞང་ཞུང་ལྷན་ཁང་གིསྙན་རྩོམ་འདྲན་བསྡུར་གྱི་སྙན་རྩོམ་ཞིབ་དཔྱོད་པ་ལ་བཀུར་འོས་མཁས་དབང་རྣམ་པ་གཉིས་ཡོད།

དགེ་བཤེས་བི་རི་འཇིགས་མེད་དབང་རྒྱལ།

 

དགེ་བཤེས་བི་རི་འཇིགས་མེད་དབང་རྒྱལ་ལགས་ནི་རྒྱ་གར་ཝཱ་ར་ན་སི་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གི་དགེ་རྒན་རྒན་པ་ཞིག་ཡིན་པ་དང་སློབ་གཉེར་ཁང་དེའི་འགོ་འཁྲིད་པ་ཞིག་ཀྱང་ཡིན། དགེ་བཤེས་ལགས་ཀྱིས་ད་བར་ནང་དོན་རིག་པ། ལོ་རྒྱུས། སྙན་རྩོམ་དང་རྩོམ་བྲིས་སོགས་དེབ་སུམ་ཅུ་ལྷག་ཙམ་ཞིག་རྩོམ་གནང་ཡོད།

beri_jigmey2_0
Bhuchung D Sonam

བུ་ཆུང་ལྡུམ་ར་བསོད་ནམས།

 

བུ་ཆུང་བསོད་ནམས་ནི་སྙན་ངག་པ་དང། རྩོམ་པ་པོ། ཡིག་སྒྱུར། དེ་བཞིན་བོད་སྨྱུག་དཔེ་སྐྲུན་ཁང་བཙུགས་མཁན་ཞིག་ཀྱང་ཡིན། ཁོང་གིང་དཔེ་དེབ་ཁག་ནི་༼བདེ་བ་ཅན་གྱི་དབྱངས།༽ དང་༼གཡག་གི་རྭ་ཅོཿ དེང་དུས་བོད་ཀྱི་རྩོམ་རིག་དང། གློག་བརྙན། ཆབ་སྲིད།༽ སོགས་ཡོད། ལྷག་པར་དུ་སྙན་ངག་གི་སྐོར་ལ། ༼བཙན་བྱོལ་གྱི་ལྷ་མོ།༽ཞེས་བོད་པའི་སྙན་ངག་གི་རྩོམ་ཡིག་ཕྱོགས་བསྡུས་དང་བོད་ཀྱི་སྙན་ངག་གསར་པ་༼ཉི་མའི་ལན་བུ་བསྲེག་པ།༽ཞེས་པ་ཕྱོགས་བསྒྲིགས་དང་ཡིག་བསྒྱུར་གནང་ཡོད། ཁོང་གི་རྩོམ་ཡིག་མང་པོ་ཞིག་རྒྱ་གར་དང་རྒྱལ་སྤྱིའི་དུས་དེབ་དང་ཚག་པར་ Washington Post དང་ Journal of Indian Literature, Himal Southasian, Hindustan Times སོགས་ནང་སྤེལ་ཡོད་པ་རེད།

We hope to receive many poems

and can't wait to share them with the rest of the world!

🐲

Kindly,

Shang Shung Institute, U.K.

Shang Shung Institute UK, a non profit institute, connects people for the support of Tibetan and Himalayan culture in person & online.

Shang Shung UK Ltd.
Lekdanling, Unit B
14 Collent Street
London, E9 6SG